text stringlengths 20 34.9k |
|---|
ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་ཐོར་བུ། པོད་༢༧དབང་སྡུད་འདོད་རྒྱལ་གྱི་མན་ངག་གི་ཐུན་མོང་མ་ཡིན་པའི་བླ་མ་དམ་པར་གསོལ་འདེབས་པདྨ་ར་གའི་ཆུན་པོ།༄༅།། དབང་སྡུད་འདོད་རྒྱལ་གྱི་མན་ངག་གི་ཐུན་མོང་མ་ཡིན་པའི་བླ་མ་དམ་པར་གསོལ་འདེབས་པདྨ་ར་གའི་ཆུན་པོ་བཞུགས་སོ།། ཨོཾ་སྭསྟི་སིདྡྷཾ། དཔལ་མཆོག་དམ་པ་རྗེ་བཙུན་རྡོ་རྗེ་ཆོས།། ཤེས་རབ་ཡུམ་ཆེན་བདེ་བ་རྒྱས་... |
གསོལ་བ་འདེབས་སོ་དབང་གི་དངོས་གྲུབ་སྩོལ།། པཎ་ཆེན་ཏ་ཐཱ་ག་ཏ་རཀྵི་ཏ།། འཕགས་ཡུལ་མཁས་པ་བཛྲ་ཀུ་ཤཱ་ལ།། དེ་སྲས་ཐུ་བོ་མ་ཧཱ་ཋ་བི་ར།། སྐད་གཉིས་སྨྲ་བའི་དབང་པོ་རིན་ཆེན་གྲགས།། གངས་ཅན་བསྟན་པའི་རྩ་ལག་ས་སྐྱ་པ།། མཁས་མང་རྩེར་སོན་སློབ་དཔོན་རིན་པོ་ཆེ།། |
གྲུབ་པའི་འཁོར་ལོས་བསྒྱུར་བ་གྲགས་པའི་མཚན།། མངའ་རིག་མཐར་ཕྱིན་པཎ་ཆེན་ཨ་ནནྟ།། ས་སྐྱོང་གཙུག་གིས་མཆོད་པ་ཆོས་ཀྱི་རྒྱལ།། སྙན་བརྒྱུད་གདམས་པའི་གཏེར་མཛོད་དེ་སྟོན་པ།། ལུང་རིག་མན་ངག་སྨྲ་བའི་ཆོས་དབང་ཞབས།། མཁས་གྲུབ་རྒྱ་མཚོའི་དེད་དཔོན་ཡོན་ཏན་ཁྲི།། ཟབ་མོའི་དོན་གཟིགས་དྲིན་ཅན་སེང་གེ་བཟང་།། |
རྒྱུད་སྡེའི་མངའ་བདག་མཁས་གྲུབ་སེང་རྒྱལ་བ།། བསོད་ནམས་ཡེ་ཤེས་མཐར་སོན་རྒྱལ་བ་མཆོག། གྲུབ་པ་མཆོག་བརྙེས་འཇམ་དབྱངས་ནམ་མཁའི་མཚན།། བདག་ཉིད་ཆེན་པོ་བློ་གྲོས་རྒྱལ་མཚན་ཞབས།། བཀའ་དྲིན་མཚུངས་མེད་རྗེ་བཙུན་རྡོ་རིངས་པ།། ཐུགས་སྲས་དམ་པ་ཀུན་དགའ་ལེགས་པའི་ཞབས།། འཁྲུལ་མེད་གདམས་པའི་གཏེར་ཆེན་ཡབ་སྲས་གཉིས།། |
ལྷུན་གྲུབ་ཡེ་ཤེས་བདེ་ཆེན་ལང་ཚོའི་གར།། དབང་བྱེད་ཆགས་པའི་སིནྡྷུར་ཆུ་མཚོ་ཤར།། གང་དེའི་ཡིད་འཕྲོག་ཀཱ་ལ་རཱ་ཛཱ་ཞེས།། མ་ལུས་མཁའ་འགྲོའི་ཆུ་སྐྱེས་ཏི་བའི་གཞི།། རྒྱུད་རྒྱལ་པདྨ་རཱ་གའི་འདབ་རྒྱས་ལས།། བྱུང་བའི་ཟབ་དོན་གེ་སར་སྙིང་པོ་འདི།། འཁྲུལ་མེད་ཉམས་ལེན་ཉི་གཞོན་གྱིས་བསྐྱངས་པས།། |
ཁམས་གསུམ་བུང་བ་འདོད་དགུའི་དབང་བྱེད་ཤོག། ཅེས་དབང་སྡུད་འདོད་པའི་རྒྱལ་པོའི་མན་ངག་ཐུན་མོང་མ་ཡིན་པའི་བླ་མ་དམ་པར་གསོལ་བ་འདེབས་པ་པདྨ་ར་གའི་ཆུན་པོ་ཞེས་བྱ་བ་འདི་ནི་སྙན་བརྒྱུད་འཛིན་པའི་བཙུན་པ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་རི་ཁྲོད་ཞུ་ལུང་མཚོ་ཁའི་དགའ་ལྡན་རྩེའི་གཙུག་ལག་ཁང་དུ་སརྦ་ཝརྞ།།།། མངྒ་ལཾ།།།། ཚར་ཆེན་བློ་གསལ་རྒྱ... |
བཟོ་བཅོས་གཏོང་བ། གཞན་ལ་བཀྲམས་པ། ཚོང་བསྒྱུར་བྱེད་པ། དེ་བཞིན་ཡིག་ཆ་འདི་ལ་གཞིར་བཞག་ནས་བརྙན་འཕྲིན་ཕབ་པ་དང་འཁྲབ་སྟོན་སོགས་གང་བྱེད་ཀྱང་ཆོག་མཆན་གང་ཡང་མི་དགོས་པར་སོ་སོའི་འདོད་མོས་ལྟར་དུས་དང་རྣམ་པ་ཀུན་ཏུ་རིན་མེད་ངང་དེ་དག་ལ་ལོངས་སུ་སྤྱོད་ཆོགརབ་བྱུང་ན་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་སྐབས་ཡིག་ཆའི་ཡོང་ཁུངས་ངེད་ཚོགས་པའི་མིང་འགོད་རྒྱུ་མ་བར... |
ཡིག་ཆ་འདིའི་བདག་དབང་ཁྱེད་ལ་ཡོད་ན་ང་ཚོར་དྲ་བྱང་འདིའི་ཐོག་ནས་འབྲེལ་བ་གནང་རོགས། ཞིབ་ཕྲ་མཁྱེན་འདོད་ཚེ་གཤམ་གསལ་དྲ་བྱང་བརྒྱུད་ང་ཚོའི་དྲ་ཚིགས་ཀྱི་སྒྲིག་གཞིའི་ཡིག་ཆ་ལ་གཟིགས་རོགས། ༄༅།། བསམ་ཡས་ལྕོག་གྲྭའི་བཅའ་ཡིག་བཞུགས་སོ།། ན་མོ་གུ་རུ་བཛྲ་དྷཱ་ར་ཨཱ་ནན་ཏ་རཏྣ་ཡེ། རིགས་སྔགས་ཟབ་མོའི་བླ་གོས་མཛེས་འཆང་མན་ངག་ནོར་བུ་དབང་གི་ཏོག། འགྲོ་ཀུན་དག... |
དགེ་མཚན་མངོན་མཐོ་དཔལ་ཡོན་བཟང་པོས་འགྲོ་འདིར་ཕན་བདེའི་དགེ་ལེགས་སྩོལ།། ཞེས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་། དབྱེར་མ་མཆིས་པའི་རང་གི་དྲིན་ཆེན་རྩ་བའི་བླ་མ་ལ་མཆོད་བརྗོད་དང་འདོད་གསོལ་གྱི་ཚིག་སྤེལ་བའི་སྒོ་ནས་གསོལ་བ་བཏབ་སྟེ། འདིར་གླེང་བར་བྱ་བ་ནི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འཁོར་དང་བཅས་པ་འདི་བོད་ལ་བཀའ་དྲིན་ཆེ་བ... |
འཕྲིན་ལས་མགོན་པོ་ཙིའུ་དམར་པོ་སོགས་གནས་གཞི་སྐྱོང་བ་རྣམས་ཀྱིས་ཁོག་ཏུ་བརླམས་པ་དང་མངོན་སུམ་དུ་འོངས་ཏེ་ཉམས་གསོ་གསར་བཞེངས་ལྟ་བུ་གནང་དགོས་ཞེས་ལན་གཅིག་མ་ཡིན་པར་ཡང་ཡང་གསོལ་བ་བཏབ་པ་ལ་བརྟེན་ནས་དབུ་རྩེ་རིགས་གསུམ་གྱི་ཉམས་གསོ་དགོས་པ་མཐའ་དག་ཚགས་སུ་ཆུད་པར་མཛད་དེ། བསམ་ཡས་མངའ་ཞབས་རྣམས་ལ་ངོ་སྐལ་དུ་གྱུར་པ་རྣམས་དགེ་ཚུལ་དགེ་སློང་གི་སྡོམ་པ་ར... |
ཀུན་མཁྱེན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ། གནོད་སྦྱིན་ཙིའུ་དམར་པོ། སྟག་རྩེ་སྡེ་སྲིད་བཅས་ཀྱིས་བཅའ་ཡིག་རིམ་ཅན་དུ་བརྩམས་པར་མཛད་པ་ལ་བརྟེན་ནས། རབ་བྱུང་བ་རྣམས་ཀྱི་སྒྲིག་སྲོལ་ཀུན་སྤྱོད་ལ་ཕྲན་བུ་མ་གཏོགས་དེ་ཙམ་གྱི་འགལ་ཆ་ཆེར་མི་འདུག་ཅིང་། ལྕོག་འདི་ལ་སྔོན་སྔགས་འཆང་ཆེན་པོས་ཉམས་གསོ་མཛད་སྐབས། རེ་ཞིག་ཆོས་སྐྱོང་འཁོར་བཅས་ཧས་པོ་རིའི་རྒྱབ་ཀྱ... |
གང་ལྟར་ཡང་ལྕོག་ཕྱི་ནང་གསང་གསུམ་ལ་ཉམས་གསོ་བླ་ན་མེད་པ་དང་། དེར་བཞུགས་སྐུ་རྟེན་པ། མཁན་ཚང་རབ་འབྱམས་པ། ལྕོག་པ་བྱིངས་བཅས་ལའང་སྔགས་འཆང་ཉིད་ཀྱིས་བཀའ་བཀོད། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དང་། ས་སྐྱའི་རྗེ་བཙུན་རྣམས་ཀྱི་བཞེད་གཞུང་དྲི་མ་མེད་པར་སྐྱོང་དགོས་པ་བཞིན་ལ། འཇམ་དབྱངས་སྐུ་མཆེད། |
སྒར་ཆེན་རིན་པོ་ཆེ། ཨ་མེས་ཞབས་ཡབ་སྲས་སོགས་རིམ་ཅན་གྱིས་ཀྱང་ལྕོག་གི་ལར་རྒྱ་མཐའ་དག་སྔགས་འཆང་ཆེན་པོའི་དགོངས་པ་བཞིན་དགོས་པའི་བཀའ་བཀོད་མཛད་པར་སྐུ་རྟེན་ལྷ་བདག་སོགས་ཚང་མ་ནས་ཐག་པ་ཁུར་བླངས་ཞུ་མུས་ཡིན་ཡང་། ཕྱིས་སུ་རྟེན་འབྲེལ་གྱི་ཆོས་ཉིད་གང་ཡིན་ཡང་རུང་ངོས་ཀྱི་མེས་པོ་སྔགས་འཆང་ཀུན་དགའ་བཀྲ་ཤིས་རྗེས་མ་ཕེབས་སྐབས་ཀྱང་། སྐུ་རྟེན་པ་ལ་ཐུགས་... |
ཆོས་སྐྱོང་ལུས་ཁོག་ལ་ཕེབས་པའི་མཛད་སྒོ་བབ་ཆོལ་སྣ་ཚོགས་དང་། མཐོ་དམན་བར་གསུམ་ལ་ལུང་ཕེབས་ཀྱི་རིགས་ཀྱང་ཇི་ལྟ་བ་བཞིན་མ་བྱུང་བ་སོགས་སྒོ་དུ་མ་ནས་བསྟན་པ་ཉམས་ཆག་ཆེ་བ་ཞིག་འདུག་པ་བློས་མ་བཟོད་པར་ངེད་རང་མཆེད། ༈རྒྱལ་དབང་མཆོག་གི་སྐུ་མདུན་རིན་པོ་ཆེར་ཞལ་མཇལ་གསུང་ཐོས་ཀྱི་དགའ་སྟོན་ལ་རོལ་སྐབས་གང་ཅིའི་བསྟན་དོན་བློས་མ་ཐོངས་པར་ལྕོག་གི་གནས་ཚུལ་... |
འོན་ཀྱང་སྔ་སོར་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་ལ་གོང་མ་རྒྱལ་པོས་བོད་ཡུལ་གྱི་ཆོས་ལུགས་ཡོངས་རྫོགས་ས་ལུགས་ཤ་སྟག་ཏུ་མཛད་དགོས་ཞུས་ཀྱང་། འཕགས་པ་དུས་གསུམ་མཁྱེན་པ་དེས་༧སངས་རྒྱས་ཀྱི་བསྟན་པ་ཡིན་ཕྱིར་རང་རང་གི་གྲུབ་མཐའ་འདྲེས་མེད་དུ་བསྐྱང་བ་རང་བསྟན་པ་དང་། སེམས་ཅན་ལ་ཕན་པ་ཡོང་གསུངས་ནས་གྲུབ་མཐའ་སོ་སོ་དར་ཞིང་རྒྱས་པའི་དགོངས་པ་ཁོ་ན་མཛད་ཅིང་། ར... |
དེས་ན་ཉམས་གསོ་གསར་བཞེངས་མཛད་པ་པོ་དེ་ཉིད་ཀྱི་བཞེད་པ་དང་མཐུན་པའི་ཆོས་ལུགས་ལ་རྩ་བར་མི་འཛིན་ན་གཞན་རྩ་བའི་ཆོས་ལུགས་གང་ཡིན་གསལ་བར་སྟོན་པའི་དུས་ལ་བབས་པས། དེ་བཞིན་ངེས་པ་ཅན་གསུང་རྒྱུ་ཡོད་ཚེ་འཁྲུལ་པ་མེད་པར་སྟོན་པ་ཞུ་ཞིང་། དེ་མིན་སྔགས་འཆང་གང་གི་རིགས་བརྒྱུད་དུ་སྐྱེས་པ་དང་། ཆོས་བརྒྱུད་འཛིན་པ་དང་། སྙིང་ནས་དད་པ་ཐོབ་པའི་གང་ཟག་རྣམས་ཀྱི... |
མགྲོན་གཉེར་མཁན་ཚང་གཉེར་པ་ལྕོག་གྲྭ་ཚང་མ། གཞན་ཡང་དེ་ཕྱོགས་སུ་གཏོགས་སོ་འཚལ་ཐམས་ཅད་ནས་དེང་ཕྱིན་ཆད་ཆོས་ལུགས་ཆ་ལུགས་གདངས་དབྱངས་རོལ་ཚིག་འཆམ། གཏོར་བཟོ་མདོར་ན་ཕྱག་ལེན་ཕྲ་མོ་ཚུན་ཆད་རྙིང་དུས་སོར་བཞག་ལས་གསར་འཕེལ་རྣམས་མི་བྱེད་པ་དང་། གོང་ས་མཆོག་ལྟ་བུ་ཡོངས་རྫོགས་བསྟན་པའི་བདག་པོའི་བཀའ་བཀོད་བྱུང་ན་མ་གཏོགས་གཞན་ཁ་དྲག་དབང་ཆེ་སུས་འདོད་རྒྱལ... |
ངེས་དོན་རྣམ་སྣང་གངས་ཅན་མཚོ་ཞེས་གྲགས།། ལོངས་སྤྲུལ་བྱང་སེམས་དུ་མས་འགྲོ་བ་འདྲེན།། གསུང་གི་སྤྲུལ་པ་དྲང་དོན་བཅུ་གསུམ་པ།། ཐ་མ་འཁོན་གྱི་རིགས་ལ་གྲགས་པའི་མཚན།། ཞེས་གསུངས་པ་དེ་ཉིད་སྔགས་འཆང་ཆེན་པོ་ཡིན་པར་ཚད་ཐུབ་དུ་མས་གསུངས་འདུག་པས། རྣམ་པར་སྣང་མཛད་གྱི་དགོངས་པ་དང་འགལ་བར་བྱེད་པའི་ཆོས་སྐྱོང་དེའི་དགོས་པ་ཅི། གལ་ཏེ་ལུང་སྟོན་པ་པོ་པདྨ་སཾ་... |
ང་ནི་ཡོངས་སུ་མྱ་ངན་ལས་འདའོ།། ཁྱོད་རྣམས་མྱ་ངན་མ་བྱེད་ཅིག། མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ།། ང་ལས་ལྷག་པའི་སྐྱེས་བུ་འབྱུང་།། ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། |
ཞེས་གསུངས་པ་ནི་སློབ་དཔོན་ཆེན་པོ་ཉིད་ཡིན་པར་མཁས་གྲུབ་དུ་མ་ཞལ་མཐུན་པར་འདུག་པས། རྫོགས་པའི་སངས་རྒྱས་ཀྱི་བསྟན་གྲལ་དུ་མི་སྡོད་ན་མ་གཏོགས་པ་གོང་གི་ལུང་དེ་ལ་དགག་ཏུ་ཅི་ཡོད་སྤྱིར་བཏང་ཙམ་ལའང་ཆོས་སྐྱོང་ཆེན་པོ་བབས་མིན་ཅི་ཡིན་ཀྱང་ཞལ་སྔགས་འཆང་ཆེན་པོ་དང་མི་འབྲལ་བ་ནི་སྔ་མོ་ནས་ད་བར་ལ་རྒྱུན་ཆགས་སུ་བཞུགས་པ་ཡིན་པས་སྔགས་འཆང་གི་དགོངས་པ་དང་འགལ... |
མཐུན་རྐྱེན་ཆོས་ལྡན་གྱི་བྱ་བ་འབད་མེད་ལྷུན་གྱིས་གྲུབ་པ་དང་། ལོག་པར་ལྟ་བ་གང་དང་གང་དག་མཆིས་པ་དེ་དག་ཐམས་ཅད་མྱུར་དུ་དྲག་པོའི་ལས་ཀྱིས་ཚར་གཅོད་མ་མཛད་ན་རྣལ་འབྱོར་པ་བདག་ཅག་ལས་ཀྱི་དབང་གིས་འཁོན་རིགས་སུ་སྐྱེས་ནས་ཁྱེད་ལ་མཆོད་གསོལ་ཞུས་པ་ལ་དགོས་པ་མི་འདུག་ཅིང་ཡང་དག་པའི་བསྟན་པ་དང་འཇིག་རྟེན་སྐྱོང་བར་ཞལ་གྱིས་བཞེས་པ་ལའང་དོན་མི་འདུག་པས་དཀར་... |
དུར་སའི་ཁྲོད་ཀྱི་མི། ངའི་བསམ་ཚུལ་ལ། དེ་ནི་ངའི་མི་ཚེའི་ནང་སྔོན་ཆད་བྱུང་མ་མྱོང་བའི་དངངས་སྐྲག་ཆེ་ཤོས་སྐྱེས་པའི་ཉིན་མོ་དེ་ཡིན། ད་ལྟ་ང་ཆེན་པོ་ཆགས་ཡོད། འོན་ཀྱང་དེ་དུས་ང་བུ་ཆུང་ཆུང་ཞིག་ཡིན། ལོ་མང་པོའི་གོང་ཞིག་ལ་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཀྱི་ཉིན་མོ་ཞིག་ཏུ། ང་ལ་འདར་སིག་སིག་བྱེད་པའི་འཇིགས་སྣང་སྐྱི་གཡའ་བ་ཞིག་བྱུང་བ་དེ། |
ལོ་མང་པོ་སོང་མོད་དུས་ད་ལྟ་ཡང་དྲན་ཚོར་ཡོང་གི་འདུགསྐབས་དེར་རྒྱུ་མཚན་ཞིག་གི་དོན་དུ་ང་དུར་སར་འཁྱམས་པས། ང་རང་གི་ཕ་མ་གཉིས་དུར་དུ་སྦས་སའི་དུར་ས་མཐོང་བྱུང་། དེ་ཉིན་ནམ་དུས་ཆེས་གྲང་བའི་དགོང་མོ་ཞིག་ཡིན་ཙང་། མཚོ་འགྲམ་ནས་རླུང་ཤུགས་ཆེན་པོ་བརྒྱབ་པ་དང་། དུར་ཁྲོད་ཀྱི་ལྕགས་རིའི་རྒྱབ་ཀྱི་ས་ཆ་འདམ་རྫབ་ཡིན་ལ། སྨག་རུམ་གྱིས་ཁྱབ་པ། མི་མེད་ལུང་... |
དངངས་སྐྲག་གིས་ངའི་སྙིང་ཁ་ནས་ཐོན་པ་ལྟ་བུ་ཞིག་བྱུང་ཙང་། དྲན་པའང་འཐོར་སོང་། དེ་མ་ཐག་ཏུ་སྐད་ངན་ཞིག་གིས། འདྲེ་ཕྲུག་ཆུང་ཆུང་དེ་སྐད་ཅོར་མ་བརྒྱབ་པར་ཁ་ཐུག་ལངས་ནས་སྡོད་ཅིག་དེ་མིན་ན་ཁྱོད་ཀྱི་སྐེ་གཅོད་ཀྱི་ཡིན། ཞེས་སྨྲས་པ་དང་སྦྲགས་རྐང་པར་ལྕགས་བརྒྱབ་པ། མགོ་བོའི་སྐྲ་རྩུབ་ལ་ཟིང་ཟིང་འཇིགས་སྣང་ཅན་གྱི་མི་ཞིག་གིས་ངའི་མལ་ལེ་ནས་འཇུས་བྱུང་། ... |
ལྷམ་ཡང་རྩབ་རལ་ཞིག་གྱོན་འདུག་ཁོའི་མགོ་ནས་རྐང་མཐིལ་བར་རློན་པ་ཆགས་པ་མ་ཟད། འདམ་རལ་ཉིལ་ལེར་སོ་སྒྲ་སྒྲོག་པ་དང་། ཁ་འདར་རྒྱག་བཞིན་དུ་ངའི་གདོང་ལ་ཅེ་རེར་ལྟ་གིན་འདུག་ང་འཇིགས་སྣང་སྐྱེས་ནས་ཁོ་ལ་སྐུ་ཞབས་ལགས། ངའི་སྐེ་མ་གཅོད་རོགས་གནང་། ཐུགས་རྗེས་གཟིགས། དེ་འདྲ་མ་གནང་རོགས། ཞུས་པ་ཡིན། |
མི་དེས་ང་དཀྲུག་དཀྲུག་ཅིག་བཏང་ནས་ཁྱོད་རང་གི་མིང་མགྱོགས་པོར་ང་ལ་ཤོད་དང་བརྗོད་པར། ངས་ང་ལ་ཕིབ་ཟེར་གྱི་ཡོད། སྐུ་ཞབས་ལགས། ཞེས་སྨྲས། ཁོས་ང་ལ་ཐད་ཀར་བལྟས་ནས་ག་རེ་ཞེས་དྲིས་བྱུང་། ངས་ངའི་མིང་དངོས་གནས་ཕི་ལིཔ་ཡིན་ཀྱང་། ཚང་མས་ང་ལ་ཕིབ་ཅེས་འབོད་ཀྱི་ཡོད། |
ཞུས་པར། ཁྱོད་རང་ག་པར་སྡོད་ཀྱི་ཡོད། ང་ལ་མིག་སྟོན་དང་། ཞེས་བཤད་བྱུང་། ངས་ལྷ་ཁང་ཅཱར་ཅ་ནས་མེ་ལེ་གཅིག་ལྷག་ཙམ་གྱི་སར་ཤིང་སྡོང་མང་པོའི་དཀྱིལ་དུ་གནས་པའི་ང་རང་གི་གྲོང་གསེབ་དེ་བསྟན་པ་ཡིན། མི་དེས་ང་ལ་ཡུད་ཙམ་ཞིག་བལྟས་ནས་དེ་མ་ཐག་ཏུ་ང་མགོ་རྟིང་བསློག་སྟེ་ངའི་སྦ་ཁུག་སྟོང་པ་བཟོས་སོང་། སྦ་ཁུག་དེ་ཚོའི་ནང་དུ་བག་ལེབ་ཀྱི་ཆ་ཤས་ཤིག་མ་གཏོགས་གང... |
ཁོས་ནུས་ཤུགས་དྲག་པོས་གློ་བུར་དུ་ང་མགོ་མཇུག་བསློགས་པར་བརྟེན། ལྷ་ཁང་དེ་ཡང་མགོ་མཇུག་བརྗེས་པ་ལྟ་བུར་མངོན། ང་གཟུགས་པོ་འདར་བཞིན་དུ་བང་སོ་མཐོ་བོ་ཞིག་གི་སྟེང་དུ་བཞག་ཅིང་། དེའི་སྐབས་ཁོ་ནི་གཅན་གཟན་ལྟོགས་པ་ལྟ་བུར་བག་ལེབ་ཟ་བཞིན་གནས། དེ་མ་ཐག་ཏུ་ཁོས་འཇིགས་སྐུལ་དང་སྦྲགས་མགོ་བོ་དཀྲུག་བཞིན་ང་ལ་ཁྱི་ཕྲུག་དེའི་མཁུར་ཚོས་རྒྱག་ལུགས་དེ་ལ་བལྟས... |
ལམ་སེང་བང་སོ་དེར་དམ་པོར་འཇུས་ནས་བསྡད་པ་ཡིན། དེ་ནས་ཁོས་ང་ལ་ད་ཉོན་དང་། ཁྱོད་རང་གི་ཨ་མ་ག་པར་ཡོད། ཅེས་དྲིས་པར། ངས་ཕ་གིར་ཡོད། སྨྲས་པ་ཡིན། ཁོ་ཡར་ལངས་བཞིན་པའི་སྐབས་དེར་ངས་བྲོས་འགྲོ་གྲབས་བྱས་པས། |
སླར་ཡང་ང་ལ་ཕྱིར་མིག་གིས་བལྟས་དུས་ངས་མཛུབ་མོ་བཙུགས་ཏེ། ཕ་གིར་ཡོད། ངའི་ཨ་མ་ལགས་གྲོངས་ཚར་སོང་། པ་ལགས་ཀྱང་དེ་མཚུངས་རེད། བརྗོད་པ་ཡིན། ཁོས་ཡུད་ཙམ་མནོ་བསམ་ཞིག་བཏང་ནས། ཁྱོད་རང་སུའི་མཉམ་དུ་སྡོད་ཀྱི་ཡོད་དམ། |
གལ་ཏེ་ངས་ཁྱོད་ཚེ་ཐར་བཏང་བ་ཡིན་ན། ཞེས་དྲིས་བྱུང་། ངས་ང་རང་གི་སྲིང་མོ་ཇཱོ་གྷར་ཇ་རིའི་མཉམ་དུ་སྡོད་ཀྱི་ཡོད། ཁོང་ནི་མགར་བ་ཇཱོ་གྷར་ཇ་རིའི་སྐྱེ་དམན་རེད། སྨྲས་པ་ཡིན། ཁོས་རང་ཉིད་ཀྱི་རྐང་པར་བལྟས་ནས། མགར་བ་ཨེ། |
ཞེས་དྲིས་རྗེས་གོམ་པ་འགའ་ཤས་མདུན་བསྐྱོད་བྱས་ཏེ་ལག་པ་གཉིས་ཀས་ང་བཟུང་སྟེ། རྒྱབ་ཏུ་འཐེན་ནས་འཇིགས་རྔམས་ཀྱིས་ང་ལ་མིག་ཅེ་རེར་བལྟས་ནས། སག་རྡར་ཟེར་ན་ཧ་གོ་གི་ཡོད་དམ། ཞེས་དྲིས་བྱུང་བ། ངས་ལགས་ཡོད། སླར་ཡང་ཁོས་ཁ་ལག་ཟེར་ན་ཧ་གོ་གི་ཡོད་དམ། བརྗོད་པར་ངས་ལགས་ཡོད། |
ཞེས་ལབ་རྒྱབ་པ་ཡིན། དྲི་བ་རེ་རེའི་རྗེས་སུ་ཁོས་ང་རྒྱབ་ཏུ་འབུད་རྒྱག་ཏོག་ཙམ་ཏོག་ཙམ་བཏང་བྱུང་། ཡང་ཁོས་ང་འབུད་རྒྱག་ཏོག་ཙམ་བཏང་ནས། ཁྱོད་རང་གིས་ང་ལ་ཁ་ལག་དང་སག་རྡར་ཞིག་འཁྱེར་ཤོག་ཅེས་དང་ཡང་བསྐྱར་འབུད་རྒྱག་བཏང་ནས། ཁྱོད་རང་གིས་ང་ལ་དེ་གཉིས་ཀ་འཁྱེར་ཤོག་དེ་མིན་ན་ཁྱོད་ཀྱི་སྙིང་ཁྲག་ཚ་བོ་འཐུང་གི་ཡིན། ཞེས་བརྗོད་བྱུང་བར། ངས་ལག་པ་གཉིས་ཀས་ཁ... |
ང་ཡར་ལངས་སུ་འཇུག་རོགས་གནང་། ཐུགས་རྗེས་གཟིགས། གཟུགས་པོ་ལྷོད་ཤིག་ཤིག་བྱུང་ན་ཁྱོད་ཀྱིས་གང་བཤད་པ་དེ་ཡག་པོ་གོ་ཐུབ་པ་འདུག་ཅེས་རེ་སྐུལ་བྱས། ཁོས་དེ་མ་ཐག་ཏུ་ང་ཁ་ཐུག་བསླངས་དུས་ལྷ་ཁང་དེ་ཡང་སྔར་རྒྱུན་ལྟར་ཁ་ཐུག་ཏུ་མངོན་བྱུང་། ཡང་ཁོས་ངའི་ལག་པ་ནས་འཇུས་ཏེ་ང་ཐད་ཀར་རྡོ་ཞིག་གི་སྟེང་དུ་བཞག་ནས། སང་ཉིན་ཞོགས་པ་སྔ་པོ་ནས་ང་ལ་སག་རྡར་དང་ཁ་ལག་འཁྱ... |
དེ་ལྟར་བྱས་ན་ཁྱོད་རང་ཚེ་ཐར་གཏོང་གི་ཡིན། གལ་ཏེ་དེ་ལྟར་མ་བྱས་པ་དང་། གཞན་ལ་བཤད་པ་སོགས་བྱུང་ཚེ་ཁྱོད་རང་གི་སྙིང་དེ་བཏོན་ནས་མེ་ལ་བསྲེགས་ཏེ་ཟ་རྒྱུ་ཡིན། ཁྱོད་ཀྱི་བསམ་པར་ང་གཅིག་པུ་ཡིན་འགྲོ་བསམ་གྱི་ཡོད་ཀྱི་རེད། ཡིན་ནའང་ང་གཅིག་པུ་མིན། ཕ་གིར་ངའི་མཉམ་དུ་ཡོད་པའི་མི་གཞོན་པ་ཞིག་གབ་ནས་བསྡད་ཡོད། ཁོ་ནི་མི་ཡ་ང་སྙིང་རྗེ་མེད་པ་འཇིགས་སུ་རུང་... |
ཁོས་ནི་གསང་སྟབས་ཀྱིས་ཕྲུ་གུ་བཟུང་ནས་སྙིང་འདོན་རྒྱུ་ཡང་ཤེས་ཀྱི་ཡོད། ངས་ད་ལྟ་ཁྱོད་རང་ལ་གནོད་འཚེ་མི་འབྱུང་བའི་ཆེད་དུ་དཀའ་ལས་ཁག་པོའི་ཐོག་ནས་ཁོ་བཀག་པ་ཡིན། ཁྱོད་ཀྱི་སྙིང་དེ་བྲང་ཁོག་ནང་གནས་ཐབས་སུ་ངས་ཁོ་བཀག་འགོག་བྱེད་རྒྱུ་ལ་དཔེ་མི་སྲིད་པའི་དཀའ་ངལ་བྱུང་། དེ་འདྲ་ཡིན་དུས་ཁྱོད་ཀྱིས་ད་ག་རེ་བྱེད་རྩིས་ཡོད་དམ། ཞེས་དྲིས་པར། ངས་ཁོ་ལ་སག་... |
དེ་ནས་ཁོས་ང་ལ་ད་ཁྱོད་ཀྱིས་ག་རེ་བྱེད་དགོས་ཀྱི་ཡོད་མེད་ང་དང་ཕ་གིའི་མི་གཞོན་པ་དེ་དྲན་པ་བྱས་ཏེ་ནང་དུ་སོང་ཞིག་ཅེས་བརྗོད་བྱུང་། ང་ཞུམ་པའི་ངང་རྒྱབ་བཤིག་བྱས་ཏེ། སྐུ་ཞབས་ལགས། དགོང་དྲོ་དགོང་དྲོ་བདེ་ལེགས། ཞེས་ལབ་པ་ཡིན། མི་དེས་ཁོ་རང་གི་གཡས་གཡོན་ན་ཡོད་པའི་ས་ཆ་རློན་པ་དེར་བལྟས་ནས་ང་ལ་དགོང་དྲོ་བདེ་པོ་ཡོང་རྒྱུ་སྤྲོས་བྲལ་རེད། ཨ་ཙི། |
ང་སྦལ་པ་ཞིག་ཡིན་ན་དགའ་བ་ལ། ཞེས་སྨྲས། དེ་དང་དུས་མཚུངས་ཁོས་ཁ་འདར་རྒྱག་བཞིན་པའི་གཟུགས་པོ་ལ་རང་གི་ལག་པ་གཉིས་ཀྱིས་དམ་པོར་འཐམས་ཏེ་རྐང་པ་ཀྱོག་ཙམ་ཀྱོག་ཙམ་ངང་ལྷ་ཁང་གི་རྩིག་འགྲམ་དུ་ཕྱིན་སོང་། རྩིག་འགྲམ་དུ་སླེབས་རྗེས་ཁོས་རྐང་པ་དགྱེ་གུག་དཀའ་བའི་ངང་ནས་རྩིག་རྒྱབ་ཏུ་མཆོངས་ཏེ་ང་ལ་ཕྱིར་བལྟས་ཤིག་བསློགས་སོང་། དེ་ནས་ལམ་སེང་ང་རང་ངལ་གསོ་མེད... |
ངའི་གཅེན་མོ་གྷར་ཇ་རི་ནི་ང་ལས་ལོ་ཉི་ཤུས་རྒན་པ་རེད། ཁོང་ནི་བུད་མེད་མཛེས་པོ་ཞིག་མིན་པའི་ཁར། པགས་པ་དམར་ལ་སྐུ་གཟུགས་རིང་པོ་དང་སྐམ་པོ་ཡོད། ངའི་བསམ་ཚུལ་ལ་གཅེན་མོས་ཇཱོ་ལ་ཨུ་ཚུགས་མང་པོ་བྱས་ནས་ཆང་ས་བརྒྱབ་པ་ལྟར། ང་ལའང་ཨུ་ཚུགས་བརྒྱབ་ནས་བྱེད་འདོད་མེད་པའི་ལས་ཀ་མང་པོ་སྐུལ་གྱི་འདུག་ཇཱོ་ནི་མི་གཤིས་ཀ་འཇམ་པོ་དང་། རྟག་ཏུ་རང་གཤིས་བཟང་པོ། མ... |
སྟོབས་ཤུགས་དང་སྐུ་གཟུགས་ཆེན་པོ་ཡོད་པ་ཞིག་རེད། ང་ནང་དུ་སླེབས་སྐབས་ཁོང་གཉིས་ཐབ་ཚང་ནང་དུ་བསྡད་འདུག་ངའི་གཅེན་མོས་ཆུ་ཚོད་ལ་བལྟ་བཞིན་དུ་སྤྲེའུ་ཕྲུག་དེ་ག་པར་ཕྱིན་པ། ཞེས་དྲིས་བྱུང་། ངས་སྐད་ཤུགས་དམའ་པོ་ཞིག་གི་སྒོ་ནས་དུར་སའི་ཕྱོགས་ལ་ཕྱིན་པ་ཡིན། གཅེན་མོས་ཁོང་ཁྲོ་དང་བཅས་རང་གི་བཟའ་ཟླ་དང་ང་ལ་བལྟ་བཞིན་དུ། འོ་ད་ཁྱེད་གཉིས་ཀྱིས་ཉིན་གཅིག... |
ཇཱོ་ནི་དུད་ཁུང་གི་ཟུར་དུ་བསྡད་ཡོད་པ་དང་། ང་གོག་བགྲོད་ཀྱིས་ཁོང་གི་མདུན་དུ་ཕྱིན་ནས་སྡོད་སྐབས། གཅེན་མོས་གསོལ་ཇ་གྲ་སྒྲིག་ཞུ་བཞིན་འདུག་དེ་དུས་ཐག་རིང་ཞིག་ནས་འབར་རྫས་ཤིག་གས་པའི་སྒྲ་ཐོས་པ་དང་། ང་ཚོ་ཚང་མ་ཞེད་སྣང་གིས་དངངས་པ་དང་མཉམ་དུ་འཕར་བྱུང་། ངས་ཇཱོ། དེ་མེ་མདའི་སྐད་རེད་དམ། ཞེས་དྲིས་པར། |
ཇཱོ་ཡིས་དེ་ག་རང་རེད། ཡང་བསྐྱར་ཉེས་ཅན་ཞིག་ཤོར་བ་རེད། ཅེས་གསུངས་པར། ངས་དེ་ལ་ག་རེ་གོ་རྒྱུ་ཡོད་རེད་དམ། ཞེས་དྲིས་པར། གཅེན་མོས་བྲོས་པ་རེད། ཅེས་འཚབ་འཚུབ་ཀྱི་ངང་ནས་གསུངས་བྱུང་། |
ཉེས་ཅན་ཟེར་ན་ག་རེ་རེད། ཅེས་ངས་ཇཱོ་ལ་དྲིས་པར། ཇཱོ་ཡིས་ཁ་སང་དགོང་དྲོར་མི་གཅིག་བྲོས་པའི་རྗེས་ལ་ཁོང་ཚོས་ཉེན་བརྡའི་ཚུལ་དུ་མེ་མདའ་བརྒྱབ་སོང་། དེ་མཚུངས་ད་ལྟའང་མེ་མདའ་བརྒྱབ་པ་དེ་ཉེན་བརྡ་གཞན་ཞིག་རེད། ཅེས་ཟེར། ངས་མེ་མདའ་སུས་རྒྱག་གི་ཡོད་རེད། ཅེས་དྲིས་པ་ཡིན། |
གཅེན་མོས་དབུགས་ཧད་བཞིན་དུ་ཁྱོད་ལ་དཀོན་མཆོག་གིས་སྐྱོབ་པར་ཤོག་དེ་ནི་བཙོན་གྲུ་ཞིག་ནས་རེད། ཅེས་བརྗོད་པར། ངས་དགོངས་དག་བཙོན་གྲུ་ཟེར་ན་ག་རེ་རེད་དམ། ཅེས་དྲིས་པར། ཇཱོ་ཡིས་བཙོན་གྲུ་ཟེར་ན་འདམ་རྫབ་ཐང་དུ་ཡོད་པའི་གྲུ་གཟིངས་ཀྱི་བཙོན་ཁང་ཞིག་རེད། ཅེས་འགྲེལ་བཤད་གནང་བྱུང་། ངས་དོགས་པ་སེལ་རྒྱུའི་རེ་བ་དང་བཅས། |
བཙོན་གྲུའི་ནང་དུ་སུ་འཇུག་གི་ཡོད་པ་དང་ག་རེ་བྱས་ཏེ་འཇུག་གི་ཡོད་རེད་དམ། ཅེས་དྲིས་པ་ཡིན། དེ་ལྟར་དྲིས་པའི་རྐྱེན་གྱིས་གཅེན་མོ་ཁོང་ཁྲོ་ལངས་ཏེ། ཕྲུ་གུ་འདིའི་གཤིས་ཀ་དེ་ག་རང་རེད། དྲི་བ་གཅིག་གི་ལན་བཏབ་ན། དྲི་བ་མང་པོ་མུ་མཐུད་ནས་ཁ་ཐུག་ལ་འདྲི་གི་རེད། མི་ངན་ཚོ་བཙོན་གྲུར་འཇུག་དགོས་དོན་ནི། |
མི་གསོད་ཁྲག་སྦྱོར་དང་འཕྲོག་བཅོམ་སོགས་བྱ་ངན་སྣ་ཚོགས་བྱེད་མཁན་དེ་རིགས་ལ་ཁོང་ཚོས་རྟག་ཏུ་དྲི་བརྩད་བྱེད་ཆེད་བཙོན་འཇུག་བྱེད་ཀྱི་རེད། ད་ཁྱོད་རང་ཉལ་དུ་རྒྱུགས་ཤིག་ཅེས་གསུངས་བྱུང་། ང་མུན་ནག་ནང་སྐས་འཛེགས་ལ་ཡར་འཛེགས་ནས་འགྲོ་སྐབས། ང་རང་བཙོན་གྲུའི་ཕྱོགས་སུ་འགྲོ་གི་ཡོད་པ་ལྟར་ཚོར་བྱུང་། གང་ལགས་ཟེར་ན། ངས་ཐོག་མར་དྲི་བ་མང་པོ་དྲིས་པ་དང་། ... |
གལ་ཏེ་དོ་ནུབ་གཉིད་ཁུག་པའི་དབང་དུ་བཏང་ཡང་། རྨི་ལམ་ནང་གཙང་ཆུའི་རྦ་རླབས་དྲག་པོ་དེས་ང་འཁྱེར་ནས་ངའི་སྙིང་འདོན་ཆེད་དུ་བསྒུགས་བསྡད་པའི་མི་གཞོན་པ་འཇིགས་སུ་རུང་བ་ཡོད་ས་དེར་འགྲོ་རྒྱུ་རེད། ཞོགས་པ་སྐྱ་རེངས་ཤར་བ་དང་ཡར་ལངས་ཏེ་སྐས་འཛེགས་ལས་བབས་པས། རང་གི་ཚོར་སྣང་ལ་ཤིང་གི་པང་ལེབ་ཡོད་ཚད་ཚང་མས་ངའི་རྗེས་ལ་རྐུན་མ་དེ་མ་འགྲོ་ཞིག་ཅེས་དང་། མི་... |
གནས་སྐབས་རིང་ཤ་བག་ལེབ་དེ་ནི་བོར་བརླག་ཤོར་བ་ཤེས་ཀྱི་མ་རེད་སྙམ་པའི་རེ་བ་བྱུང་། ཐབ་ཚང་ནས་ཇཱོ་ཡི་མགར་ཚང་བར་འགྲོ་སའི་སྒོ་གཅིག་ཡོད། ངས་སྒོ་ཕྱེས་ཏེ་ཇཱོ་ཡི་མགར་བཟོའི་ཡོ་ཆས་ཀྱི་ནང་ནས་སག་རྡར་གཅིག་ཀྱང་བཏོན་ནས་ཁང་པའི་རྒྱལ་སྒོ་ཕྱེས་ཏེ། སྨུག་པས་གཡོགས་པའི་འདམ་རྫབ་ཀྱི་ཕྱོགས་སུ་བརྒྱུགས་ནས་ཕྱིན་པ་ཡིན། ངས་མེ་མདའི་སྟེགས་བུ་ཡོད་སའི་ལམ་དེ་ཤ... |
མེ་མདའི་སྟེགས་བུ་དང་ཐག་ཉེ་པོ་ཡོད་པའི་ས་དོང་དེར་སླེབས་སྐབས། ངས་མི་དེ་དེར་བསྡད་ཡོད་པ་མཐོང་བྱུང་། ཁོས་ངའི་ཕྱོགས་སུ་རྒྱབ་བསྟན་ཅིང་། ལག་གཉིས་བསྐུམས་པའི་སྟེང་དུ་མགོ་བོ་བཞག་སྟེ་གཉིད་ལྗིད་པོ་ཁུག་བསྡད་འདུག་ང་ག་ལེར་ཕྱིན་ནས་ཁོའི་དཔུང་པར་འཇུས་ནས་གཉིད་དཀྲོགས་པས་ཁོ་དེ་མ་ཐག་ཏུ་འཕར་སོང་། དེ་ནི་ཁ་སང་གི་མི་དེ་མིན་པར་གཞན་ཞིག་རེད་འདུག་མི་... |
གང་ཡིན་ཟེར་ན། ཁོས་མནའ་ཞིག་བསྐྱལ་ནས་ང་ལ་གཅིག་གཞུས་ཏེ་བྲོས་པ་དང་སྦྲགས་སྨུག་པའི་གསེང་དུ་བོར་སོང་། དེ་ནི་མི་གཞན་པ་དེ་ཡིན་གྱི་རེད་བསམས་ནས་ང་འཇིགས་སྣང་ཞེ་དྲགས་སྐྱེས་ཏེ། མེ་མདའི་སྟེགས་བུ་ཡོད་སར་མགྱོགས་མྱུར་ཕྱིན་པ་ཡིན། དེར་སླེབས་སྐབས་མི་དངོས་གནས་དེ་ད་ལྟའང་འདར་གསིག་རྒྱག་བཞིན། རང་གི་གཟུགས་པོ་ལ་ལག་པ་གཉིས་ཀྱིས་འཐམས་ནས་རྐང་པ་ཀྱོག་ཅ... |
བཀྲེས་པས་གདུང་སྟེ་གལ་ཏེ་ངའི་ལག་པར་ཡོད་པའི་རས་ཐུམ་གཞན་དེ་ཁོས་མཐོང་མེད་ན། ངས་སྤྲད་པའི་སག་རྡར་དེ་ཡང་ཟ་གྲབས་བྱེད་རྒྱུར་ཐེ་ཚོམ་མི་འདུག་ཁོས་བུ། ཤེལ་དམ་ནང་དུ་ག་རེ་ཡོད་དམ། ཅེས་དྲིས་བྱུང་། ངས་འདིའི་ནང་དུ་ཨ་རག་ཡོད། བརྗོད་པ་ཡིན། མི་དེས་བྱེད་སྟངས་ཡ་མཚན་ཞིག་གི་སྒོ་ནས་ཁ་ལག་དེ་ཁོ་རང་གི་མིད་པར་རྫོང་གི་འདུག་དེ་ནི་ཁ་ལག་ཟ་གི་ཡོད་པ་འདྲ་པོ... |
ཡང་ཡང་སྒྲ་ལ་མཉན་པ་སོགས་བྱེད་བཞིན་དུ་གློ་བུར་ཞིག་ལ་ང་ལ་ཁྱོད་རང་གི་མཉམ་དུ་གཞན་སུ་འཁྲིད་མེད་དམ། ཡང་ན་ཁྱོད་ཀྱི་རྗེས་སུ་མི་དེ་འདྲ་ཡོང་གི་མེད་དམ། ཞེས་དྲིས་བྱུང་། ངས་སྐུ་ཞབས་ལགས། ལགས་མེད། ཞུས་པ་ཡིན། ཨོ་ཡ། |
ཁྱོད་ལ་ཡིད་ཆེས་ཡོད། གལ་ཏེ་ང་ནང་བཞིན་ཤི་ལ་ཉེ་བའི་བར་རྗེས་འདེད་བྱས་པའི་ནག་ཅན་གྱི་བཙོན་པ་སྐྱོ་བོ་ཞིག་འཛིན་བཟུང་བྱེད་རྒྱུར་རམ་འདེགས་བྱས་ན། ཁྱོད་ཐ་ཤལ་གྱི་གཞོན་པ་ཞིག་དང་མཚུངས་པ་རེད། ཅེས་བཤད་བྱུང་། ཁོའི་སྡུག་བསྔལ་དེར་སྙིང་རྗེ་བསྐྱེད་པ་དང་སྦྲགས་ངས་ཁོ་ལ་ལྷོད་ལྷོད་བྱས་ཏེ་བི་སི་ཀུ་ཊྲི་བག་ལེབ་མངར་མོ་བཟའ་བར་བལྟས་ནས་བསྡད་དེ། ཁྱེད་རང... |
ཞུས་པར། བུ། ཐུགས་རྗེ་ཆེ། ཞིམ་པོ་ཞེ་དྲགས་བྱུང་། བརྗོད་བྱུང་། ངས་ནམ་རྒྱུན་ང་ཚོའི་ཁྱི་ཆེན་པོ་དེས་ཁ་ལག་བཟའ་བ་མཐོང་མྱོང་སྟབས། ད་རེས་མི་དེའི་བཟའ་སྟངས་དང་ཁྱིའི་བཟའ་སྟངས་གཉིས་དངོས་གནས་འདྲ་པོ་ཞེ་དྲགས་མཐོང་བྱུང་། |
ཁོས་བི་སི་ཀུ་ཊྲི་དེ་གཞན་གྱིས་འཕྲོག་པར་ཡོང་གི་ཡོད་པ་ནང་བཞིན་གཡས་གཡོན་དུ་ལྟ་གིན་ལྟ་གིན་དངངས་སྐྲག་གི་ངང་ནས་ཁམ་བུ་རེ་བཅད་དེ་ཁྱི་ལྟར་དུ་ཟ་གི་འདུག་ངས་གང་མཚམ་ཞིག་ནས་ཁྱོད་རང་གི་བཟའ་སྟངས་ལ་བལྟས་ན་ཁོང་ལ་བི་སི་ཀུ་ཊྲི་ལྷག་ས་མ་རེད། ཅེས་བརྗོད་པ་ཡིན། གྲོགས་པོས་ངའི་གདོང་ལ་ཅེ་རེར་ལྟ་བཞིན་དུ། ཞེས་དྲིས་བྱུང་། ངས་ཁ་སང་ང་ལ་བཤད་པའི་ཁྱེད་རང་... |
ཨ་ལས་ཁོ། ཁོ་ལ་ཁ་ལག་དགོས་པ་མ་རེད། ཅེས་བརྗོད་པར། ངས་ངའི་བསམ་པར་ཁོ་ལ་ཁ་ལག་དགོས་པ་འདྲ་པོ་འདུག་སྨྲས་པས། མི་དེས་ཁ་ལག་བཟའ་མཚམས་བཞག་སྟེ་ང་ལ་ཧང་སངས་ནས། འདྲ་པོ་ཨེ། ག་དུས། |
ཞེས་དྲིས་པར། ངས་ད་ལྟ་ཞེས་ལབ་པས། ཁོས་ག་པར་འདུག་ཅེས་དྲིས་པར། ངས་མཛུབ་མོ་བཙུགས་ནས་ཕ་གིར་འདུག་ཁོ་ནི་གཉིད་ཀྱིས་བཟི་བ་ལྟ་བུར་འདུག་ཐོག་མར་ངས་ཁོ་ནི་ཁྱེད་རང་རེད་བསམས་བྱུང་བརྗོད་པ་ཡིན། མི་དེས་ངའི་མལ་ལེ་ནས་འཇུས་ཏེ་རྔམ་འཇིགས་ཀྱི་མིག་གིས་བལྟས་བྱུང་། ངའི་བསམ་པར་ཁོས་ངའི་སྐེ་གཅོད་རྒྱུའི་བསམ་བློ་བསྐྱར་དུ་འཁོར་བ་འདྲ་སྙམ་པ་བྱུང་། ངས་ཁོ་ན... |
ཞེས་འགྲེལ་བཤད་བརྒྱབ་པར། མེ་མདའ་ཡང་བརྒྱབ་པ་རེད། ཅེས་ཁོང་གིས་ཆིག་ལབ་བརྒྱབ་སྟེ་ང་ལ་དཀྲུགས་ཙམ་བྱས་ཏེ། ཁྱོད་ཀྱིས་མི་དེར་དམིགས་བསལ་དོ་སྣང་ག་རེ་བྱུང་། ཞེས་དྲིས་པར། ངས་གསལ་པོ་དྲན་གསོས་མིན་ལ་མ་ལྟོས་པར། ཁོའི་གདོང་པར་རྨས་སྐྱོན་ཚབས་ཆེན་ཤོར་བ་ཞིག་འདུག་ཅེས་བཤད། |
མི་དེས་རང་ཉིད་ཀྱི་འགྲམ་པ་གཡོན་མར་ལག་པ་འཆང་ནས་འདི་གར་མི་འདུག་གམ། ཞེས་དྲིས་བྱུང་བར་ངས། དེ་གར་འདུག་བརྗོད་པ་ཡིན། ཁོས་ཁ་ལག་གང་ལྷག་པ་དེ་དག་སྟོད་ཐུང་ཐལ་མདོག་དེའི་སྦ་ཁུག་ནང་ལྡུག་བཞིན་དུ་ཁོ་ག་པར་འདུག་འགྲོ་སའི་ལམ་དེ་སྟོན་དང་། ད་ལྟ་རང་ཁོ་ཐུག་དགོས་འདུག་སྟེ། འོན་ཀྱང་ངའི་རྐང་པར་བརྒྱབ་པའི་ལྕགས་འདི་ཅ་མ་ཟིང་། བུ་ཁྱོད་ཀྱིས་ང་ལ་སག་རྡར་དེ... |
ཞེས་བརྗོད་བྱུང་། ཁོས་ང་དེར་ཡོད་པ་དང་ཁོ་རང་གི་རྐང་པ་རྨས་མ་ཁྲག་གིས་དམར་པོར་གྱུར་པ་དེར་དོ་སྣང་མ་བྱས་པར། རྩྭ་རློན་པའི་སྟེང་དུ་བསྡད་དེ་སྨྱོན་པ་ནང་བཞིན་རྐང་ལྕགས་དེ་གཅོད་ཀྱིན་བསྡད་སོང་། ཁོས་དངངས་སྐྲག་དང་འཚབ་འཚུབ་ཀྱི་ངང་ནས་དེ་འདྲ་བྱས་སྟབས། ང་ཡང་བསྐྱར་ཁོ་ལ་འཇིགས་སྣང་བྱུང་བ་དང་། ལྷག་པར་ཁྱིམ་གྱི་ཕྱི་རོལ་ཏུ་ཡུན་རིང་པོར་སྡོད་བྱེད་ར... |
དེ་འདྲ་སོང་ཙང་ངའི་བསམ་པར་ད་ཁུ་སིམ་མེར་བྲོས་ན་ཡག་ཤོས་རེད་དྲན་བྱུང་། ངས་ཁོ་མཐའ་མ་དེ་མཐོང་དུས་ཁོས་རང་ཉིད་ཀྱི་གདོང་དེ་པུས་མོའི་སྟེང་དུ་བཀུག་སྟེ། རྐང་ལྕགས་གཅོད་ཀྱིན་བསྡད་པ་དང་། ངས་སྨུག་པའི་གསེང་དུ་ངལ་གསོས་ཏེ་ཉན་ནས་སྡོད་སྐབས། སྒྲ་མཐའ་མ་དེ་སག་རྡར་གྱི་སྒྲ་དེ་ཐོས་བྱུང་།།།། ལེའུ་གསུམ་པ། རྗེས་འདེད། |
དེ་ཉིན་དགོང་ཚིགས་སྐབས་སུ་ང་ཚོར་རོགས་པ་ཁ་ཤས་ཡོད། ཅྰར་ཅའི་དྲུང་ཡིག་སྐུ་ཞབས་ཝུཔས྄་ལེ་དང་། ཇཱོ་ཡི་ཨ་ཞང་སྟེ་གྲོང་ཁྱེར་ནང་གི་ཨ་ཤོམ་ཚོང་པ་ཕྱུག་པོ། པིམ་པལ་ཅུག་བཅས་ཀྱང་ཞལ་ལག་ལ་ཕེབས་འདུག་ཇཱོ་དང་ང་གཉིས་ཅཱར་ཅི་ནས་འཁོར་སྐབས། མི་སིས་ཇཱོ་ཇཱོ་ཡི་སྐྱེ་དམན་ནི། གཟབ་སྤྲོས་ཡིད་དུ་འོང་བ་བརྒྱབ་སྟེ། གསོལ་ཅོག་བསྒྲིག་རྒྱུ་དང་ཞལ་ལག་བཟོ་རྒྱུ་སོགས... |
དེ་གར་ངས་སྡིག་པ་དག་པའི་སྨོན་ལམ་ཡང་བརྒྱབ་པ་ཡིན། ང་ཚོ་ཚང་མ་རྒྱ་ཅོག་གི་མཐའ་ལ་བསྐོར་ཏེ་སྡོད་རྒྱུའི་དུས་སྐབས་དེ་ལ་སླེབས། ང་ལ་གང་སྤྲད་པ་དེ་དག་ངས་རྨི་ལམ་རྨིས་པ་ལྟར་བཟས་པ་ཡིན། ཞལ་ལག་ཕལ་ཆེར་གྲུབ་པ་དང་ངའི་བསམ་པར་ང་ཐར་སོང་བསམས་བྱུང་། དེ་ནས་ངའི་གཅེན་མོས་མགྲོན་པོ་ཚོ་ལ་ལྷན་རྒྱས་ཚོས་ངའི་ཤ་བག་ལེབ་ནས་ཁམ་གང་རེ་ཙམ་མཆོད་ནས་ངེས་པར་དུ་བྲོ་བ... |
ང་རང་གི་བསམ་པར་ཁོང་ཚོར་ཤ་བག་ལེབ་ཀྱི་བྲོ་བ་མྱོང་ཐབས་བྲལ་བ་རེད་བསམས་བྱུང་ཡང་། ཨ་ཞང་པིམ་པལ་ཅུག་ཅེས་པ་ནི་གྲོད་པ་ཆེན་པོ། ལོ་བགྲེས་སོང་། མི་ལྷོད་ལྷོད། མིག་ལྟ་སྟངས་ཉོབ་ཏོ། ཉ་ནང་བཞིན་ཁ་ཆེན་པོ་དང་མགོ་སྐྲ་གྱེན་ལ་ཟིང་པ་དེས། མི་སིས་ཇཱོ། |
འོ་ཡོང་ང་། ང་ཚོས་གང་ཡོང་ཟས་ཆོག་ཅེས་བརྗོད་ཙང་། ངའི་ཨ་ལྕག་ཤ་བག་ལེབ་ལེན་པར་ཕྱིན་སོང་། སྐབས་དེར་སྐུ་ཞབས་པིམ་པལ་ཅུག་ནས་གྲི་དེ་ཁ་ཐུག་བཞག་པ་མཐོང་ཙང་། ཁྱོད་རང་ཡང་ཏོག་ཙམ་ཟོ། ཞེས་ཇཱོ་ཡིས་བརྗོད་བྱུང་། ངས་ད་ཆ་བཟོད་ཐུབ་ས་མ་རེད་བསམས་ནས་རྒྱ་ཅོག་གི་རྐང་རྟེན་གློད་ནས་བྲོས་ཕྱིན་པ་ཡིན། |
འོན་ཀྱང་སྒོ་ཕྱེས་ནས་ཕྱིར་མ་ཐོན་ཙམ་དུ་མེ་མདའ་འཁྱེར་བའི་ཉེན་རྟོག་པའི་དམག་མི་སྡེ་ཁག་ཅིག་གདོང་ཐུག་བྱུང་བ། ཁོང་ཚོ་གཅིག་གིས་ལག་ལྕགས་ཤིག་འཕྱར་ནས་ཁྱེད་རང་འདིར་འདུག་ག་འདི་ཁྱེད་ཀྱི་ཆེད་དུ་ཡིན། ཞེས་བཤད་བྱུང་། ང་ཚོའི་སྒོ་འགྲམ་དུ་དམག་མི་མཐོང་བ་དང་། ནང་གི་མི་ཚང་མ་ཡར་ལངས་ནས། ཟིང་འཚུབ་ལངས་པ་དང་སྦྲགས་མི་སིས་ཇཱོ་ཡང་ཐབ་ཚང་ནང་ནས་ལག་པ་སྟོང... |
ང་ལ་སྐད་ཆ་ཤོད་མཁན་དེ་ཉེན་རྟོག་པའི་སྡེ་དཔོན་དེ་རེད། ཁོང་གིས་ད་ཆ་ལག་པ་གཡས་པར་ལག་ལྕགས་འཁྱེར། ལག་གཡོན་མ་དེ་ངའི་དཔུང་པའི་སྟེང་དུ་བཞག་སྟེ། རོགས་པ་ཚོར་ཡག་པོ་བལྟས་ནས་ལྷན་རྒྱས་ཚང་མ་དགོངས་དག་ངས་བཙོན་པ་བྲོས་ཤོར་བ་ཞིག་རྗེས་འདེད་བྱེད་ཀྱི་ཡོད། ང་ལ་མགར་བ་ཞིག་དགོས་ཀྱི་འདུག་ཅེས་ཇཱོ་ལ་མིག་བལྟས་སོང་། ཁོང་གིས་དེའི་རྗེས་སུ་མུ་མཐུད་དེ། ལག་ལ... |
ཞེས་བཤད་པ་དང་། ཇཱོ་ཡིས་དེ་ཚོར་བལྟས་ནས་ལས་ཀ་འདིར་དུས་ཚོད་ཏོག་ཙམ་འགོར་བཟོ་འདུག་དེའི་བར་དུ་དམག་མི་ཚོ་ནང་དུ་ཕེབས་ནས་གསོལ་ཇ་བཞེས་ཏོག་མཆོད་གནང་ན། ཞེས་ཁོང་ཚོར་འདོད་པ་ཡོད་པ་གཞིར་བཞག་གིས་དགའ་པོའི་ངང་ནས་གསུངས་སོང་། ཁོང་ཚོར་ཞལ་ལག་དང་བཞེས་རག་ཕུལ་རྗེས་སྐུ་ཞབས་ཝུཔས྄་ལེ་ནས་སྡེ་དཔོན་ལགས། ཁྱེད་ཀྱི་དགོངས་པར་མི་ཉེས་ཅན་དེ་ཚོ་འཛིན་བཟུང་བྱེ... |
འཛིན་བཟུང་བྱེད་ཐུབ་ཀྱི་རེད། ཁོང་ཚོ་ད་ལྟའང་འདམ་རྫབ་ཀྱི་ཐང་དེར་ཡོད་སྐད་འདུག་འདིར་ཡོད་པ་རྣམ་པ་ཚོས་ཁོང་ཚོའི་སུ་ཡང་མཐོང་མ་བྱུང་ངམ། ཞེས་དྲིས། ང་རང་མ་གཏོགས་ཚང་མས་ཡིད་ཆེས་ཀྱི་སྒོ་ནས་མཐོང་མ་བྱུང་བརྗོད་པ་དང་། ཁོང་ཚོ་སུས་ཀྱང་ངའི་སྐོར་ལ་མནོ་བསམ་འཁོར་མ་སོང་། དེ་ནས་ཇཱོ་ཡིས་ལས་ཀ་གྲུབ་པ་དང་ཁོ་རང་གི་ཀོཊ་ལྭ་བ་གྱོན་བཞིན་དུ་ང་ཚོ་འགའ་ཤས་དམ... |
སྐུ་ཞབས་པིམ་པལ་ཅུག་ནི་འགྲོ་འདོད་བྱས་མ་སོང་། སྐུ་ཞབས་ཝུཔས྄་ལེ་ཡིས་གལ་ཏེ་ཇཱོ་རང་འགྲོ་ན་ང་ཡང་འགྲོ་གི་ཡིན། གསུངས། ཇཱོ་ཡིས་གལ་ཏེ་གཅེན་མོར་འདོོད་པ་ཡོད་ན་ང་ཡང་འཁྲིད་ཀྱི་ཡིན་གསུངས་པར། ངའི་གཅེན་མོས་གལ་ཏེ་བུའི་མགོ་བོ་མེ་མདས་གཏོར་སྐྱོན་བྱུང་ན། ངས་བཅོས་ཐབས་བྱེད་ཀྱི་རེད་མ་བསམས་ཨང་། ཞེས་གསུངས་སོང་། |
ཉེན་རྟོག་པའི་སྡེ་དཔོན་དེས་ང་ཚོར་དམག་མི་ཚོའི་རྗེས་ལ་ཡོང་དགོས་པ་དང་། འདམ་རྫབ་ཡོད་སའི་འཁྲིས་ལ་སླེབས་ན། སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཆོག་པའི་བཀའ་ནན་པོ་གནང་བྱུང་། ང་ཚོ་ཕྱི་ལ་སླེབས་པ་དང་ངས་ཇཱོ་ལ་ཤབ་ཤུབ་ཀྱི་སྒོ་ནས་ངའི་བསམ་པར་ཁོང་ཚོ་རྙེད་ཀྱི་མ་རེད། བརྗོད་པར། ཇཱོ་ཡིས་ཀྱང་དེ་མཚུངས་ངའི་རྣ་བར། ཁོང་ཚོ་འདམ་རྫབ་ནས་ཐོན་ཚར་ནས་མེད་ན། |
ཕིཔ་ཁྱེད་རང་ལ་ངས་དངུལ་སྒོར་ཤི་ལིངྒ་གཅིག་སྤྲོད་ཀྱི་ཡིན། ཞེས་བརྗོད་བྱུང་། ང་ཚོས་དུར་ཁྲོད་ཟུར་གྱི་རྒྱལ་སྒོ་བརྒྱུད་དེ་འདམ་རྫབ་ཡོད་སར་མགྱོགས་པོར་འགྲོ་སྐབས། ཆར་པ་ཤུགས་ཆེན་པོ་བརྒྱབ་ཙང་། ཇཱོ་ཡིས་ང་ཁོང་གི་རྒྱབ་ཏུ་འཁྱེར་བྱུང་། སྐབས་དེར་ངའི་དོགས་པར་གལ་ཏེ་བཙོན་པ་དེ་འཛིན་བཟུང་ཐུབ་པ་བྱུང་ཚེ། ཁོས་དམག་མི་རྣམས་འདི་ཕྱོགས་སུ་འཁྲིད་ཡོང་མཁ... |
འོན་ཀྱང་ད་ནི་རང་གིས་རང་ལ་དྲི་བ་དེ་ལྟར་བྱས་ན་ཆོད་མེད་པ་མཐོང་བྱུང་། ང་ཚོ་མེ་མདའི་སྟེགས་བུའི་ཕྱོགས་སུ་བསྐྱོད་སྐབས། དམག་མི་ཚོ་རུ་བསྒྲིགས་ཏེ་མདུན་དུ་ཡོད་པ་དང་། ཇཱོ་ཡིས་ང་རྒྱབ་ལ་འཁྱེར་ནས་ཁོང་ཚོའི་རྗེས་ལ་ཡོད། ང་ཚོ་གང་འཚམས་ཤིག་ལ་བསྐྱོད་རྗེས་དེ་མ་ཐག་ཏུ་ཚང་མ་ཙོག་གེར་བསྡད་སོང་། ཆར་པ་དང་རླུང་བསྡེབས་ནས་འཁྱེར་ཡོང་བའི་སྐད་སྒྲ་རིང་པོ་... |
ཇཱོ་ཡང་ཁོང་ཚོའི་རྗེས་སུ་མགྱོགས་པོ་ཞེ་དྲགས་རྒྱུགས་པར་བརྟེན། ང་ཁོའི་སྒལ་པ་ནས་མི་ཟགས་པའི་ཆེད་དུ་ཁོང་ལ་དམ་པོར་འཐམས་ནས་བསྡད་པ་ཡིན། ང་ཚོ་སྐད་སྒྲ་ཡོད་ས་དེར་ཉེ་བར་སླེབས་དུས་མི་གཉིས་ཀྱི་སྐད་སྒྲ་ཡོད་པ་གསལ་པོ་ཞེ་དྲགས་འདུག་ང་ཚོ་སྐད་སྒྲ་ཡོད་ས་དེའི་འཁྲིས་ལ་སླེབས་དུས་སྡེ་དཔོན་སྔོན་ལ་ཕྱིན་པ་དང་། དེའི་རྗེས་སུ་ཁོང་གི་རོགས་པ་གཉིས་ཀྱང་ཕྱི... |
འདི་འདྲའི་སྡུག་པ་ལ་ཨང་། ཡར་ཐོན་ཤོག་ཅེས་བཤད་སོང་། དེ་ནས་ཁོང་ཚོས་གཅིག་གིས་གཅིག་ལ་ཁུ་ཚུར་གཞུ་རེས་གཏོང་བ་དང་། ཚིག་རྩུབ་སྨྲ་བ་སོགས་བྱེད་སྐབས། ཆུ་དང་འདམ་རྙོག་འཐོར་བས་དམག་མི་འགའ་ཤས་སྡེ་དཔོན་ལ་རོགས་བྱེད་པར་ས་དོང་ནང་དུ་ཕྱིན། དང་པོ་ངས་ངོ་ཤེས་པའི་བཙོན་པ་དེ་དང་དེ་རྗེས་ལ་གཞན་པ་དེ་བཅས་རེ་རེ་བཞིན་ཡར་བཏོན་སོང་། ངས་ངོ་ཤེས་བཙོན་པ་དེས་ཁོ... |
ཤེས་པར་གྱིས་ཨང་། ངས་ཁོ་པ་ཁྱེད་རང་ལ་མགོ་བཏགས་ཞུ་རུ་བཅུག་པ་ཡིན། དེ་ངེས་པ་གནང་ཨང་། ཞེས་བཤད་སོང་བར། སྡེ་དཔོན་གྱིས་དེས་ཁྱེད་རང་ལ་ཕན་ཐོགས་ཡོང་ཡག་ཡོད་པ་མ་རེད། ལག་ལྕགས་རྒྱོབས། ཞེས་བརྗོད་སོང་། |
དེར་ངའི་ངོ་ཤེས་བཙོན་པ་དེས་བཞད་གད་དང་བཅས། ང་ལ་ཕན་ཐོགས་དགོས་པ་གང་ཡང་མི་འདུག་ཁོས་ཧ་གོ་ན་དེ་ག་རང་གིས་ང་ལ་འགྲིགས་སོང་། ཞེས་ཞུས་སོང་། བཙོན་པ་གཞན་པ་དེ་ནི། གཟུགས་པོ་ཆ་ཚང་ལ་རྨས་སྐྱོན་ཤུགས་ཆེ་བྱུང་བ་འདྲ་པོ་ཡོད་ཁར། ཁོང་གཉིས་སོ་སོར་དབྱེ་བ་ཕྱེས་ཏེ་ལག་ལྕགས་མ་བརྒྱབ་བར་དུ་ཁོ་ལ་སྐད་ཆ་ཤོད་རྒྱུའི་དབུགས་ཀྱང་འདང་གི་མི་འདུག་དེ་ནས་ཁོས་སྐད་ཆ་... |
ཁོས་ང་གསོད་རྩིས་བྱས་བྱུང་། ཞེས་བརྗོད་པར་ངའི་ངོ་ཤེས་བཙོན་པ་དེས་དེར་ལན་བརྒྱབ་དོན། གསོད་རྩིས་བྱས་བྱུང་ཨེ། ངས་གསོད་རྩིས་བྱས་ནས་མ་བསད་པ་ཁྱད་མཚར། ངས་ཁོ་འཁྲིད་དེ་མགོ་སྒུར་བཅུག་པ་ཡིན། ཞེས་བརྗོད་སོང་། བཙོན་པ་གཞན་པ་དེས། |
ཁོས་ང་གསོད་བྱུས་བྱས་བྱུང་། གལ་ཏེ་ཁྱེད་རང་ཚོ་ཕེབས་མེད་ན་ང་ད་གཟོད་ཤི་ཚར་བ་ཡོད། ཅེས་བརྗོད་སོང་བར། ཁྱོད་རང་གཉིས་ཀ་ཁ་ཚུམས་ཤིག་གློག་བཞུ་དེ་ཚོ་སྤོར་དང་། ཞེས་སྡེ་དཔོན་གྱིས་བཀའ་བཏང་། དམག་མི་གཅིག་གིས་མེ་མདའི་ཚབ་ཏུ་སི་ར་ཞིག་འཁྱེར་ཡོད་པ་དེས་ཙོག་སྡོད་བྱས་ཏེ་སི་ར་ཁ་ཕྱེས་སྐབས། ངའི་ངོ་ཤེས་བཙོན་པ་དེས་ཐོག་མར་ཁོ་རང་གི་གཡས་སུ་བལྟས་པས་ང་མཐ... |
ངས་ཇཱོ་ཡི་སྒལ་པ་ནས་བབས་ཏེ་ས་དོང་གི་ཟུར་དེར་བསྡད་ཡོད། ངས་ཁོ་ལ་བལྟས་ནས་ལག་པ་དང་མགོ་གཉིས་ཀྱིས་གཡུགས་ནས་རང་ལ་ཉེས་པ་མེད་ཚུལ་གྱི་མཚོན་བརྡ་སྤྲད་པ་ཡིན་པས་ཁོས་ང་ལ་བལྟས་བྱུང་ཡང་དོན་གང་ཡིན་ཤེས་མ་སོང་། དེ་དག་ཚང་མ་དུས་ཡུན་འཁྱུག་ཙམ་ཞིག་ལ་རྫོགས་སོང་། དམག་མི་སི་ར་འཁྱེར་བ་དེས་སྒྲོན་མེ་སྦར་ནས་སྤྲད་སོང་། ད་གིན་ཕལ་ཆེར་ནག་ཁུང་ཆགས་གྲབས་འདུག... |
དེ་ནས་ལམ་སེང་ང་ཚོའི་རྒྱབ་ཕྱོགས་ཀྱི་གཙང་ཆུའི་ཕ་རོལ་གྱི་འདབ་རྫབ་ཡོད་ས་ནས་སྒྲོན་མེ་སྦར་བ་མཐོང་བྱུང་། འོ་ད་འགྲིགས་འདུག་འགྲོ། ཞེས་སྡེ་དཔོན་གྱིས་བཤད་པ་དང་། ང་ཚོ་ཏོག་ཙམ་ཕྱིན་རྗེས་ང་ཚོའི་མདུན་ཕྱོགས་ནས་མེ་སྒྱོགས་གསུམ་བརྒྱབ་སོང་བས། སྐད་སྒྲ་དེས་ངའི་རྣ་མཆོག་ཀྱང་གས་པ་ལྟར་བྱུང་། སྡེ་དཔོན་གྱིས་བཙོན་པ་དེར། ཁྱོད་རང་བཙོན་གྲུ་བརྒྱུད་དེ་ཡ... |
ཁོང་ཚོས་ཁྱེད་རང་ཡོང་གི་ཡོད་པ་ཤེས་ཀྱི་ཡོད། ཕར་འགྲོ། ཞེས་བཀའ་གནང་སོང་། ང་ཚོ་དམག་མི་དང་བཙོན་པ་ཚོའི་རྗེས་སུ་གཙང་པོའི་འགྲམ་གྱི་ཤིང་ཁང་སྐྱོ་བོ་ཞིག་ཏུ་ཕྱིན་པ་ཡིན། ཤིང་ཁང་གི་ཕྱི་ལ་སྒོ་སྲུང་བ་ཞིག་དང་། ནང་དུ་དམག་མི་གསུམ་བཞི་ཞིག་ངལ་གསོ་རྒྱག་གིན་བསྡད་འདུག་སྡེ་དཔོན་དེས་གནས་ཚུལ་འགའ་ཞིག་བཤད་རྗེས་དེབ་ཅིག་གི་ནང་དུ་ཡང་བྲིས་སོང་། ངའི་ངོ་... |
ང་ཚོ་ཤིང་ཁང་ནང་དུ་སྡོད་དུས་ཁོས་མནོ་བསམ་གཏོང་བཞིན་དུ་མེ་ཡོད་ས་དེར་བལྟས་ནས། དེ་འཕྲལ་སྡེ་དཔོན་ཕྱོགས་སུ་ཁ་བསྒྱུར་ཏེ། ངས་གྲོང་གསེབ་ནས་ཁ་ལག་ཏོག་ཙམ་བཟས་པ་ཡིན། གྲོང་གསེབ་ནས་ལབ་པར་སྡེ་དཔོན་གྱིས། རྐུན་མ་བརྐུས་པ་ཡིན་ཟེར་གྱི་ཡོད་དམ། ཞེས་བར་མཚམས་བཅད་གནང་སོང་བར། ངའི་ངོ་ཤེས་བཙོན་པ་དེས། |
ང་ལྟོགས་ནས་ཤི་ཐུབ་ཀྱི་མ་རེད། ཐུབ་ཀྱི་རེད་དམ། ངས་ཁ་ལག་གང་ནས་འཁྱེར་ཡོད་མེད་ཁྱེད་རང་ལ་ཞུ་གི་ཡིན། མགར་བ་དེའི་ནང་ནས་འཁྱེར་བ་ཡིན། བག་ལེབ་ཕྲན་བུ་ཞིག་དང་། ཕྱུ་ར། ཨ་རག་དེ་བཞིན་ཤ་བག་ལེབ་གཅིག་བཅས་རེད། |
ཅེས་བཤད་སོང་བར། ཁྱོད་ཀྱི་ནང་ནས་ཤ་བག་ལེབ་དེ་འདྲ་བོར་བརླག་ཤོར་བ་བྱུང་སོང་ངམ། ཞེས་སྡེ་དཔོན་དེས་ཇཱོ་ལ་དྲིས་སོང་། ཇཱོ་ཡིས་ངའི་སྐྱེ་དམན་གྱིས་བརླག་འདུག་ལྷན་རྒྱས་ཚོ་འདིར་འབྱོར་བའི་སྐབས་དེ་ག་རང་ལ་རེད། ཕིཔ་ཁྱེད་རང་གིས་ཧ་གོ་མ་བྱུང་ངམ། ཞེས་ཟེར་དུས། ངའི་ངོ་ཤེས་བཙོན་པ་དེས་ཇཱོ་ལ་བལྟས་ནས། |
བྱས་ན་དགོངས་དག་ངས་ཁྱེད་ཀྱི་ཤ་བག་ལེབ་དེ་བཟས་པ་རེད། ཅེས་བརྗོད་པར་ཇཱོ་ཡིས་འགྲིགས་འདུག་ང་ཚོས་ཁྱོད་ལྟོགས་ཤི་ཐེབས་སུ་བཅུག་ན་ག་ནས་འགྲིགས། འགྲིགས་ཀྱི་རེད་དམ། ཅེས་ལན་བསྐྱོན་སོང་། བཙོན་པ་དེས་ད་དུང་མང་ཙམ་ཤོད་འདོད་ཡོད་པ་ལྟར་ཁ་འགུལ་སྐྱོད་བཏང་ཡང་། དེ་མ་ཐག་ཏུ་ང་ཚོ་ལ་རྒྱབ་བསྟན་ནས་བསྡད་སོང་། དེ་ནས་སྐར་མ་གཅིག་གཉིས་ཤིག་གི་རྗེས་སུ། |
ཁོའི་ཆེད་དུ་གྲུ་བསྒུགས་ནས་བསྡད་ཡོད། ཅེས་པའི་སྐད་བརྡ་ཐོས་པ་དང་། ང་ཚོ་ཁོའི་རྗེས་སུ་བབས་སྟེགས་ཡོད་སའི་བར་དུ་ཕྱིན་ནས་ཁོ་གྲུ་ཆུང་ཞིག་གི་ནང་དུ་བླུགས་པ་མཐོང་། གྲུ་ཆུང་དེ་ཡང་ཁོ་རང་དང་འདྲ་བའི་བཙོན་པ་མང་པོས་བཏང་སོང་། སྒྲོན་མེའི་མདངས་ཀྱི་རྐྱེན་པས་བཙོན་གྲུ་ནག་པོ་ལྕགས་ཐག་སྦོམ་པོས་བསྡམས་པ་དེ་མཚོ་འགྲམ་ནས་ཐག་ཉེ་པོ་འདུག་གྲུ་ཆུང་དེའི་ནང... |
ལྕམ་ཧབི་ཤཱམ། དུས་ཚོད་འགྲོ་གིན་འགྲོ་གིན་བྱས་པ་དང་དུས་མཚུངས། ངའི་གྲོགས་པོ་བཙོན་པ་དེའི་སྐོར་བསམ་བློ་འཁོར་རྒྱུ་ཡང་ཇེ་ཉུང་ཇེ་ཉུང་དུ་ཕྱིན། དེ་ནས་ཟླ་བ་འགའ་ཤས་ཕྱིན་ཚར་ནའང་ཁོ་པའི་གནས་ཚུལ་གང་ཡང་གོ་མ་བྱུང་། དེ་རྗེས་གནས་ཚུལ་ཞིག་འཕྲད་པའི་རྐྱེན་ལ་བརྟེན་ནས། ཡུན་རིང་པོའི་བར་ལ་ཁོ་ངའི་དྲན་པའི་ཡུལ་ལས་འདས་སོང་། གནས་ཚུལ་དེ་ཡང་ཁྲོམ་འདུས་ཀྱི... |
དངོས་ཆས་ཉོ་སྒྲུབ་བྱ་རྒྱུའི་ཐད་སྤྱིར་བུད་མེད་ཚོ་ཉམས་ཆོད་པོ་ཡོད་སྟབས། ངའི་གཅེན་མོ་ཡང་རང་གི་གོམས་གཤིས་ལྟར། དེ་ཉིན་ཨ་ཞང་པིམ་པལ་ཅུག་གི་རོགས་པར་ཁྲོམ་ལ་ཕེབས་སོང་། ཁོང་ཚོ་མགར་ཚང་ལ་ཕྱིར་འཁོར་དུས་ཕྱི་པོ་བྱས་འདུག་ཁོང་ཚོ་ཡོང་གི་ཡོད་པའི་རྟའི་རྨིག་སྒྲ་མ་ཐོས་གོང་ནས་ནག་ཁུང་ཆགས་ཚར་འདུག་ཁོང་ཚོ་ཁྱིམ་དུ་འབྱོར་སྐབས་རྐང་པ་ནས་མིག་བར་དུ་དུག་ལ... |
ད་བུ་འདིས་དོ་ནུབ་བཀའ་དྲིན་ཆེན་པོ་ཡིན་མ་བསམས་ན། དེ་ནས་ག་དུས་ཀྱང་བསམ་གྱི་མ་རེད། ཅེས་གསུངས་པར་ཇཱོ་ཡིས་ཧང་སངས་པའི་རྣམ་འགྱུར་དང་བཅས། ག་རེ་བྱས་ནས། ཞེས་དྲིས་དུས་ངའི་གཅེན་མོས་གང་ཡིན་ཟེར་ན། གྲོང་སྡེར་བཞུགས་པའི་ལྕམ་ཧབི་ཤཱམ་གྱིས་བུ་འདི་ཁོང་གི་ཁྱིམ་དུ་རྩེད་མོ་རྩེ་བར་གཏོང་དགོས་གསུངས་ཀྱི་འདུག་ཁོ་འགྲོ་ངེས་རེད། ཁོ་དེ་གར་རྩེད་མོ་རྩེ་བར... |
དེ་མིན་ན་ངས་ཁོ་ལ་སླད་ཕྱིན་ཆད་ཀྱང་དྲན་གསོས་པ་ཞིག་བཟོ་རྒྱུ་རེད། ཅེས་གསུངས་གནང་སོང་། གྲོང་སྡེར་བཞུགས་མཁན་ལྕམ་ཧབི་ཤཱམ་གྱི་སྐོར་ལ་ངས་གོ་མྱོང་། ས་ཁུལ་དེའི་མེ་ལེ་འགའ་ཤས་ཀྱི་མཚམས་ན་ཡོད་པའི་མི་ཚང་མས་ལྕམ་ཧབི་ཤཱམ་གྱི་སྐོར་ལ་གོ་མྱོང་ཡོད། ཁོང་ནི་སྐྱེ་དམན་རྒན་འཁོགས་དང་ཕྱུག་པོ་ཡིན་པ་གང་ཞིག་ལ། ཁང་པ་རྒྱ་ཆེན་པོ་དང་ཡིད་མུག་པོ། མཐའ་སྐོར་ཚ... |
ཇཱོ་ཡ་མཚན་སྐྱེས་ཏེ། དངོས་གནས་བྱས་ན་ཁོ་མོས་ཕིཔ་གང་འདྲ་བྱས་ཏེ་ངོ་ཤེས་ཀྱི་ཡོད་དམ། ཞེས་བརྗོད་པར་ངའི་གཅེན་མོས་ལྐུགས་པ། ཁོ་མོས་ཁོ་ངོ་ཤེས་ཀྱི་ཡོད་རེད་སུས་ཟེར་གྱི་འདུག་གམ། ཨ་ཞང་པིམ་པལ་ཅུག་སྐབས་རེ་ཁང་གླ་སྤྲོད་པར་དེ་གར་འགྲོ་དགོས་ཀྱི་ཡོད། དེ་དུས་ཁོ་མོས་དེ་གར་རྩེད་མོ་རྩེ་རོགས་བུ་ཞིག་ཐབས་ཤེས་ཐུབ་མིན་ཁོང་ལ་བཀའ་འདྲི་ཞུས་འདུག་ཁོང་ནི་ང... |
ཁོ་རང་གི་གནས་སྟངས་ཡར་རྒྱས་འགྲོ་སྲིད་པ་རེད། ཨ་ཞང་ལགས་ཀྱིས་དོ་ནུབ་ཁོ་ཁྲོམ་ལ་འཁྲིད་ནས་སང་ཉིན་ཞོགས་པ་ལྕམ་ཧབི་ཤཱམ་གྱི་ཁྱིམ་དུ་བསྐྱལ་གནང་གི་ཡིན་གསུངས་པ་རེད། འོ་ཛི། ངས་ཨ་ཞང་བསྒུགས་བཅུག་ད་དུང་སྐད་ཆ་ཤོད་ཀྱིན་ལངས་ནས་བསྡད། བུ་འདི་ནི་མགོ་ནས་རྐང་པ་བར་དྲེག་པས་ཁེངས་བསྡད་འདུག་ཅེས་གསུངས་ཏེ་ངའི་སར་མཆོངས་པ་ལྟར་ཡོང་ནས་ངའི་གདོང་ཆུ་རྐ་ལའི་འ... |
ཆ་ཚང་ཚར་བ་དང་། ང་ལ་དུག་ལོག་ལེགས་ཤོས་དེ་གཡོགས་ནས་ཨ་ཞང་པིམ་པལ་ཅུག་ལ་རྩིས་སྤྲད་དེ། ང་ལྕམ་ཧབི་ཤཱམ་གྱི་སར་རྩེད་མོ་རྩེ་བར་གང་གི་དོན་དུ་འགྲོ་གི་ཡོད་མེད་དང་། དེ་གར་རྩེད་མོ་ག་རེ་རྩེ་དགོས་མིན་སོགས་ཀྱི་ཤེས་ཚོར་གང་ཡང་མེད་པར་ཁྲོམ་ལ་འཁྲིད་ཕྱིན་སོང་། སང་ཉིན་ཞོགས་པ་དེར་ཆུ་ཚོད་བཅུ་པའི་ཐོག་ཨ་ཞང་པིམ་པལ་ཅུག་དང་ང་གཉིས་ལྕམ་ཧབི་ཤཱམ་གྱི་རྒྱལ་... |
ང་ཚོ་བསྒུག་སྡོད་པའི་སྐབས་དེར། ངས་རྒྱལ་སྒོའི་ཁྲ་མའི་གསེང་ནས་བལྟས་པས། ཁང་པ་དེ་ནི་སོ་ཕག་རྙིང་པས་བཟོས་ཡོད་ལ། བལྟས་ན་ཡིད་མུག་པ་ཞིག་འདུག་སྒེའུ་ཁུང་ཚང་མར་ལྕགས་ཀྱི་ཁྲ་མ་ཡོད་པ་མཐོང་། ཁང་པའི་མདུན་དུ་ཁྱམས་ར་ཆེན་པོ་ཞིག་འདུག་པ་དེ་ནས་ཚུར་བུད་མེད་གཞོན་ནུ་མ་ཞིག་གིས་ལག་པར་ལྡེ་མིག་འཁྱེར་ཏེ་ཡོང་བའང་མཐོང་བྱུང་། བུ་མོ་དེས་སྒོ་ཕྱེས་སྐབས་ཨ་ཞ... |
གཞོན་ནུ་མ་དེ་ནི་ཧ་ཅང་མཛེས་པོ་དང་སྤོབས་པ་ཆེན་པོ་ཡོད་བཟོ་འདུག་པ་དེས་ལན་ལ་འདི་ཕིཔ་རེད། རེད་དམ། ནང་དུ་ཤོག་ཕིཔ། ཅེས་ཟེར་གྱི་འདུག་ཨ་ཞང་པིམ་པལ་ཅུག་ཀྱང་ངའི་མཉམ་དུ་འཛུལ་བྱུང་བ་ཁོ་མོས་རྒྱལ་སྒོའི་འགྲམ་དུ་བཀག་སྟེ། ལྕམ་ཧབི་ཤཱམ་ནི་བུ་འདི་གཅིག་པུ་ལ་ཐུག་འདོད་ཡོད་པ་རེད། ཅེས་རྣམ་འགྱུར་མི་ལེགས་པ་ཞིག་བསྟན་པ་དང་ཆབས་ཅིག་ཁོང་གི་མདུན་དུ་སྒོ་བ... |
བུ། ཞེས་སྨྲས་ཏེ་ང་ཚོ་ཕྱིན་པས་ཁོང་ནི་རྒྱལ་སྒོའི་འགྲམ་དུ་ཧོན་འཐོར་ཏེ་ལུས་སོང་། ཁོ་མོ་ནི་ང་རང་དང་ལོ་མཉམ་འདྲ་ཡང་ང་ལ་བུ་ཞེས་བརྗོད་བྱུང་། མཐོང་སྣང་ལ་ཁོ་མོ་ང་ལས་རྒན་བཟོ་དོད་པ་འདུག་བུ་མོ་ཞིག་ཡིན་པའི་ཆ་ནས་ཁོ་མོ་ནི་བྱད་གཟུགས་ལེགས་པ། སྤོབས་ཉམས་དང་ལྡན་པ་ཞིག་འདུག་ཀྱང་། ཁོ་མོས་རང་ཉིད་རྒྱལ་པོའི་བཙུན་མོ་ཡིན་པ་ནང་བཞིན། ང་ལ་མི་འདོད་པ་དང... |
ཐོག་མར་དོ་སྣང་བྱུང་བ་ལ་ཁང་པའི་བར་ཤུར་ཡོངས་རྫོགས་ནག་ཁུང་ཡིན་པ་དང་། ཡང་ལཱ་ཞིག་སྦར་ཏེ་བཞག་འདུག་ཁོ་མོས་ཡང་ལཱ་དེ་འཁྱེར་ཏེ་ང་ཚོ་སྐས་འཛེགས་ཤིག་བརྒྱུད་དེ་ལམ་ཐག་གང་འཚམ་རིང་པོར་བསྐྱོད་ནའང་། ད་དུང་ནག་ཁུང་ཡིན་པས་ཡང་ལཱ་གཅིག་པུ་དེ་རང་གིས་ལམ་གསལ་ལེར་སྟོན་ཅིང་། མཐའ་མཇུག་དེར་ང་ཚོ་ཁང་པ་ཞིག་གི་སྒོ་འགྲམ་དུ་འབྱོར་བས་ཁོ་མོས་ནང་ལ་རྒྱུགས། ཞེས... |
ཞུས་པར་ཁོང་གིས་བུ། ལྐུགས་རྟགས་མ་སྟོན། ང་ནང་དུ་འགྲོ་གི་མིན། ཞེས་ལན་བསྐྱོན་པ་དང་ང་ལ་མཐོང་ཆུང་གི་རྣམ་འགྱུར་དང་བཅས་དེ་ནས་ཕྱིར་ལོག་སྐབས། སྟབས་མི་ལེགས་པ་ཞིག་ལ་ཡང་ལཱ་དེ་ཡང་མཉམ་དུ་འཁྱེར་ནས་ཕྱིན་སོང་། རང་ཉིད་གཅིག་པུ་དེར་ལུས་པར་བརྟེན། ཞེད་སྣང་གང་འཚམ་བྱུང་ཡང་ངས་སྒོ་བརྡུངས་པས་ནང་ལོགས་ནས་ཡར་ཤོག་ཅེས་པའི་སྐད་ཅིག་ཐོས་བྱུང་། |
དེ་འཕྲལ་ང་ནང་དུ་འཛུལ་བས་དེར་ཁང་པ་ཆེན་པོ། དཀར་ཆ་ནི་ཡང་ལཱའི་སྒྲོན་མེའི་འོད་ཀྱིས་གསལ་བ་ཞིག་མ་གཏོགས། ཉི་འོད་ཀྱི་མདངས་ཙམ་ཡང་མཐོང་རྒྱུ་མེད་པ་ཞིག་ལ་སླེབས་འདུག་ལག་སྐྱོར་ཅན་གྱི་རྐུབ་སྟེགས་ཤིག་གི་སྟེང་དུ་ངས་སྔོན་ཆད་མཐོང་མ་མྱོང་བ་དང་། ཕྱིན་ཆད་འདི་ལྟར་མཐོང་གི་མ་རེད་སྙམ་པའི་ཡ་མཚན་ཅན་གྱི་བུད་མེད་ཅིག་ཡོད་པ་དེས། རང་ཉིད་ཀྱི་མགོ་བོ་ལག་པ... |
End of preview. Expand in Data Studio
README.md exists but content is empty.
- Downloads last month
- 8